According to your device's language settings, we also offer English (Global).
索嘎木锅庄
索嘎木锅庄

索嘎木锅庄

Rock索嘎木锅庄

  • 播放次數

    0

  • 喜歡

    0

索嘎木锅庄

索嘎木锅庄

索秀次仁尼玛
索秀次仁尼玛

發布時間 2020-05-27


介紹

《索·嘎木锅庄》是索县重点打造的节目,该歌曲大大提升了索县的文化知名度,给索县的非遗传承和保护作出了突出贡献。

...查看更多 收合

歌詞

ཉི་མ་ཤར་ས་གླིང་དཀར་སྟོད་ལ་རེད་ཟེར།།

ཉི་ཟེར་ཕོག་ས་ཕ་མའི་གཟིམ་ཁང་རེད་ལོ།།

ཕ་མའི་གཟིམ་ཁང་གསེར་གྱི་པ་ཏྲ་རེད་ཟེར།།

གསེར་གྱི་པ་ཏྲ་གསེར་སྐུ་རང་བྱོན་རེད་ལོ།།

ཉི་མ་ཤར་ས་དུང་ཁྲིའི་མགོ་ལ་རེད་ཟེར། །

ཉི་ཟེར་ཕོག་ས་དཔོན་ལུའི་གཟིམ་ཁང་རེད་ལོ།།

དཔོན་ལུའི་གཟིམ་ཁང་དངུལ་གྱི་པ་ཏྲ་རེད་ཟེར།།

དངུལ་གྱི་པ་ཏྲ་དངུལ་སྐུ་རང་བྱོན་རེད་ལོ།།

ས་སྐྱིད་པོ་ལོ་ཆུང་ང་ཚོའི་ཕ་ཡུལ།།

དྲིན་ཕ་མ་དགུང་ལོ་ཆུང་ཆུང་རེད་ལོ།།

ས་སྐྱིད་པོ་ལོ་ཆུང་ང་ཚོའི་ཕ་ཡུལ།།

ཕ་ཨ་ཁུ་དགུང་ལོ་ཆུང་ཆུང་རེད་ལོ།།

དགུང་ལོ་ཆུང་ཚེ་གཏམ་ལ་བྱོན་སོང་།།

གཏམ་ཁྲ་ཆུང་ཉི་མ་རང་ཤར།།

འོ་ཡ་ལ་ཡེ།།

བྲོ་ལ་ཆེ་ཆེ་མི་རྡུང་དེ་ཆུང་ཆུང་རྡུང་།།

འོ་ཡ་ལ་ཡེ།།

བྲོ་ལ་ཆུང་ཆུང་གསེར་ཕྱེ་གི་ཟིལ་མ་རྡུང་།།

འོ་ཡ་ལ་ཡེ།།

དྲིན་ལ་ཕ་མའི་བཀའ་དྲིན་དྲན་ནས་སོང་།།

འོ་ཡ་ལ་ཡེ།།

ཕ་དང་ཨ་ཁུ་གཏམ་ར་ཚོགས་ཉིན་རྡུང་།།

འོ་ཡ་ལ་ཡེ།།

མ་དང་སྲུ་མོའི་གནས་ར་ཚོགས་ཉིན་རྡུང་།།

འོ་ཡ་ལ་ཡེ།།

དུས་ལ་དེ་ཉིན་རྡུང་དང་རྟེན་འབྲེལ་ཡོད།།

ཨ་སྔོན་མཐོན་པོ་ཁྲ་མོ་གླིང་གི་ས་ཆ།།

ཁྲི་གདུགས་གིས་ཉི་མ།།

ཨ་སྔོན་མཐོན་པོ་གེ་སར་སྐྱེས་བུ་དོན་གྲུབ།།

གླིང་གི་དཔའ་ཐུལ་སུམ་ཅུ།།

བྱ་རྒྱལ་ཐང་དཀར་གེ་སར་སྐྱེས་བུ་དོན་གྲུབ།།

གཤོག་དྲུག་གིས་རྒྱས་ས།།

རྫ་སྟོད་མཐོན་པོ་ཁྲ་མོ་གླིང་གི་ས་ཆ།།

འབྲོང་ཆུང་གིས་གྲེ་ལུ།།

བྲོ་ར་སྒོར་མི་ཁྲ་མོ་གླིང་གི་ས་ཆ།།

བུ་ཚ་དང་བུ་མོ།།

རྡོག་བྲོ་འགྲིག་ས་གླིང་གི་དཔའ་ཐུལ་སུམ་ཅུ།།

གླིང་གི་དཔའ་ཐུལ་སུམ་ཅུ།།

གླིང་གི་དཔའ་ཐུལ་སུམ་ཅུ།།

ཉི་མ་ཤར་ས་གླིང་དཀར་སྟོད་ལ་རེད་ཟེར།།

ཉི་ཟེར་ཕོག་ས་ཕ་མའི་གཟིམ་ཁང་རེད་ལོ།།

...查看更多 收合