最近接的一個案子,覺得很好聽,特別送給喜歡釋迦摩尼佛的朋友們,還有欣賞音樂無界線的大家,2019新年吉祥,祝大家健康長壽、事業順利、心想事成。
...查看更多 收合༄༄། །ཐུབ་ཆོག་བྱིན་རླབས་གཏེར་མཛོད་བཞུགས་སོ།།能仁釋尊加持寶藏儀軌
༄༄། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། །南無歌熱夏迦瑪納耶
སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །
諸佛正法勝僧珍貴眾
བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །
淨悟菩提直證吾皈依
བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །
以我佈施行持福德以
འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །
為利眾生願臻達佛果
ཨཿ །སྐྱེ་མེད་སྟོང་པ་ཉིད་དང་རྟེན་འབྱུང་གི །
阿 無生空性性及緣起之
སྣང་བ་འགག་མེད་ཟུང་འཇུག་སྒྱུ་མའི་ཚུལ། །
顯現無滅雙融遊戲貌
རང་མདུན་ནམ་མཁར་མཆོད་སྤྲིན་རྒྱ་མཚོའི་དབུས། །
前方虛空供養雲海中
རིན་ཆེན་སེང་ཁྲི་པད་ཉི་ཟླ་བའི་སྟེང་། །
大寶獅座蓮花日月上
སྟོན་པ་མཚུངས་མེད་ཤྭཀྱ་སེང་གེ་ནི། །
本師無比釋迦獅子謂
གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ལྡན། །
金澤德相隨形圓滿嚴
ཆོས་གོས་གསུམ་གསོལ་རྡོ་རྗེའི་སྐྱིལ་ཀྲང་བཞུགས། །
著三法衣金剛跏趺坐
ཕྱག་གཡས་ས་གནོན་ཕྱག་རྒྱ་ལེགས་བརྐྱངས་ཤིང་། །
右手抑地手印妙延以
ཕྱག་གཡོན་མཉམ་བཞག་བདུད་རྩིའི་ལྷུང་བཟེད་བསྣམས། །
左手甘露鉢持等持印
གསེར་གྱི་རི་ལྟར་གཟི་བརྗིད་དཔལ་འབར་བ། །
宛如金山威光盛燃耀
ཡེ་ཤེས་འོད་ཟེར་དྲྭ་བས་མཁའ་དབྱིངས་ཁྱབ། །
智慧光束網遍虛空界
ཉེ་བའི་སྲས་བརྒྱད་གནས་བརྟན་བཅུ་དྲུག་སོགས། །
近八菩薩十六羅漢等
འཕགས་ཚོགས་རྒྱ་མཚོའི་འཁོར་གྱིས་ཡོངས་བསྐོར་ཞིང་། །
尊者如海聖眾咸環繞
དྲན་པ་ཙམ་གྱིས་སྲིད་ཞིའི་མཐའ་གཉིས་ལས། །
一思即離輪涅邊界里
རྣམ་གྲོལ་བདེ་བ་མཆོག་གི་དཔལ་སྩོལ་བ། །
最勝大樂尊貴吉施予
སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་གསལ།
皈境總集大本尊貌觀
སྙིང་རྗེ་ཆེན་པོས་རྩོད་ལྡན་སྙིགས་མའི་ཞིང། །
大慈悲引此諍濁世界
བཟུང་ནས་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ། །
化身示現廣揚五百願
པད་དཀར་ལྟར་བསྔགས་མཚན་ཐོས་ཕྱིར་མི་ལྡོག །
白蓮般贊名聞不退轉
སྟོན་པ་ཐུགས་རྗེ་ཅན་ལ་ཕྱག་འཚ་ལ་ལོ། །
釋尊慈悲勝具誠頂禮
བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །
自他三門善根富與共
ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །
普賢供養雲般觀想獻
ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་པ། །
無源積累罪墮咸無余
སྙིང་ནས་འགྱོད་པ་དྲག་པོས་སོ་སོར་བཤགས། །
心中愧疚猛烈逐一懺
འཕགས་དང་སོ་སོའི་སྐྱེ་བོའི་དགེ་བ་ནི། །
尊勝者及凡人之善根
དུས་གསུམ་བསགས་ལ་རྗེས་སུ་ཡི་རང་ངོ། །
三世悉數累積皆隨喜
ཟབ་ཅིང་རྒྱ་ཆེ་ཆོས་ཀྱི་འཁོར་ལོའི་ཚུལ། །
深及廣博正法法輪貌
ཕྱོགས་བཅུར་རྒྱན་མི་འཆད་པར་བསྐོར་དུ་གསོལ།
十方永續不輟願常轉
ཁྱོད་ནི་ནམ་མཁའ་ལྟ་བུའི་ཡེ་ཤེས་སྐུ། །
汝似虛空般之智慧身
དུས་གསུམ་འཕོ་འགྱུར་མེད་པར་བཞུགས་མོད་ཀྱི། །
三世無變恆常住此然
གདུལ་བྱའི་སྣང་ངོར་སྐྱེ་འཇིག་ཚུལ་སྟོན་ཀྱང། །
度徒現前生滅相顯然
སྤྲུལ་པའི་གཟུགས་སྐུ་རྟག་ཏུ་སྣང་བར་མཛོད། །
化現之身恆常願實現
བདག་གིས་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །
吾以三世累積善根引
མཁའ་ཁྱབ་འགྲོ་བ་ཀུན་ལ་ཕན་སླད་དུ། །
為利遍盡虛空有情眾
ཆོས་ཀྱི་རྒྱལ་པོ་རྟག་ཏུ་མཉེས་བྱེད་ཅིང་། །
正法勝王恆時慧悅獲
ཆོས་རྗེ་རྒྱལ་བའི་གོ་འཕང་ཐོབ་པར་ཤོག །
法尊聖王果位願獲致
བདག་ཅག་སྙིགས་མའི་འགྲོ་བ་མགོན་མེད་རྣམས། །
吾等濁世無怙之眾生
ཐུགས་རྗེས་ལྷག་པར་བཟུང་བའི་བཀའ་དྲིན་ལས། །
大悲尤為攝領恩德以
ཞིང་དང་དུས་འདིར་རིན་ཆེན་རྣམ་གསུམ་གྱི། །
淨土此時稀貴三寶之
སྣང་བ་ཇི་སྙེད་ཁྱེད་ཀྱི་ཕྲིན་ལས་ཉིད། །
顯現咸全事業之本貌
ད་ཕྱིར་སྐྱབས་མཆོག་མཚུངས་མེད་གཅིག་པུ་རུ། །
故而貴珍無倫尤唯之
ཡིད་ཆེས་དད་པས་སྙིང་ནས་གསོལ་འདེབས་ན། །
虔敬信心由衷誠祈請
སྔོན་གྱི་དམ་བཅའ་ཆེན་པོ་མ་བསྙེལ་བར། །
往昔誓諾悉全勿未踐
བྱང་ཆུབ་བར་དུ་ཐུགས་རྗེས་རྗེས་འཛིན་མཛོད།
悟證菩提之間大悲持
བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ།
上師、本師、伏德越、法界臻、滅魔敵、究竟圓滿之、覺綻佛、吉、永勝、釋迦能仁 頂禮 供養誠皈依
ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭ་ཧཱ།
碟雅塔 嗡 牟尼 牟尼 瑪哈 牟尼耶 梭哈
མཚན་བརྗོད་པ་དང། གཟུངས་བཟླས་པའི་རྐྱེན་གྱིས།སྟོན་པའི་སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་སྣ་ཚོགས་པའི་སྣང་བ་ཆེན་པོས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་ཐམས་ཅད་བསལ་ཞིང། ཐེག་པ་ཆེན་པོའི་ལམ་གྱི་ཡོན་ཏན་ཚུལ་བཞིན་དུ་སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་ནོན་པར་གྱུར། དེ་ལྟར་ཅི་ནུས་སུ་བརྩོན་པར་བྱའོ།
念佛與持誦心咒之緣由,釋尊身中放射種種慧顯光束以,吾及一切有情之業障悉全淨化,且大覺階真實勝道之功德心中生起而獲不退轉地之果位。
བདེ་གཤེགས་རྒྱལ་སྲས་ཀུན་གྱི་ཐུགས་བསྐྱེད་དང། །
樂臻佛暨法子咸發心
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །
佛業祈願智悲及力量
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཅི་འདྲ་བ། །
無上智慧遊戲如何狀
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
即此樣貌吾等願皆成
འཇམ་དཔལ་དཔའ་བོའི་ཇི་ལྟར་མཁྱེན་པ་དང་།།
文殊菩薩無盡勇猛智
ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ།།
以及普賢菩薩善慧行
དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་།།
凡此一切隨喜常修學
དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།
以此盡善回向諸眾生
薩嘎達瓦持明新譯
...查看更多 收合